མཚོ་ལྷོབོད་རིག་གནས་དྲ་བ།

 དྲྭ་བ་འདིར་མི་སྒེར་དང་ཚོགས་པ་གང་རུང་གི་ཁེ་དབང་དང་མཚན་སྙན་ལ་གནོད་པའི་ནང་དོན་ཡོད་ཚེ་ངེད་དྲྭ་བའི་དོ་དམ་པར་སྦྲེལ་དང་གང་མགྱོགས་ཀྱིས་བསུབ་ངེས་ཡིན།  དོ་དམ་པའི་འཕྲིན་ཕྲན།  ༡༨༡༩༧༤༤༤༤༤༦ 
 

རྨི་ལམ་རིས་སུ་ཕབ་ནས་སེམས་ཀྱི་སྐར་ཁུང་ཕྱེ།

12
发表时间:2024-05-02 21:26

རིས་སྒྲུང་དེབ་ཕྲེང་གསུམ་གྱི་འགྲེམ་སྤེལ་མཛད་སྒོ་བསྡུས།


WechatIMG939.jpg

  ཟླ་4ཚེས་30ཉིན།   འབའ་རྫོང་དཔེ་མཛོད་ཁང་དང་འབའ་རྫོང་སྔོན་འགྲོ་སློབ་གསོ་གཞུང་ལས་ཁང་གཉིས་ཀྱིས་མཉམ་དུ་བསྒྲུབས་པའི་རྨི་ལམ་རིས་སུ་ཕབ་ནས་སེམས་ཀྱི་སྐར་ཁུང་ཕྱེ་ཞེས་པའི་རིས་སྒྲུང་དེབ་གསར་འགྲེམསྤེལ་ཚོགས་འདུ་འབའ་རྫོང་དཔེ་མཛོད་ཁང་དུ་འཚོགས།  

WechatIMG946.jpg

  རྫོང་སློབ་གསོ་ཅུའི་ཅུད་ཀྲང་གཞོན་པ་དམངས་ཚེ་རིང་གིས་འགོ་ཚུགས་ཀྱི་ཡོལ་བ་ཕྱེས་ཤིང་ཤིས་ཚིག་ཕུལ།  

WechatIMG935.jpgWechatIMG943.jpgWechatIMG941.jpg

  ཐེངས་འདིའི་རིས་སྒྲུང་དཔེ་ཚོགས་འགྲེམ་སྤེལ་ཚོགས་འདུའི་སྟེང་གཙོ་བོ་རྩོམ་པ་པོ་དང་རི་མོ་པ་གཉིས་ཀྱི་འགན་གཅིག་ལྕོགས་བྱས་པའི་ཚེ་རིང་དོན་གྲུབ་གྱི་རིས་སྒྲུང་སྟེ།   ༼དབྱར་རྩྭ་དགུན་འབུ༽དང་།   ༼སྟག་གིས་སྦལ་བ་ཟོས་པ༽ཞེས་པ་དང་།  

WechatIMG940.jpg

  རྩོམ་པ་པོ་ལྕགས་བྱམས་སྒྲོལ་མས་གཏམ་རྒྱུད་བརྩམས་ཤིང་།   རི་མོ་པ་འཕགས་པ་སྐྱབས་ཀྱིས་རི་མོར་ཕབ་པའི་ཇོ་རུའི་རུས་སྒྲུང་དཔེ་ཚོགས་ཏེ།   ༼ཨ་མཚར་རོ༽ཞེས་པ་དང༼ནུ་སོ་རྐུབ་རིལ༽ཞེས་པ།   ༼རྩྭ་གསེབ་གྱི་ཅ་ཅོ།༽༼དྲེད་ཕྲུག་གིས་དགུན་ལྭ་འཚོལ་བ༽ཞེས་པའི་དཔེ་ཚོགས་འགྲེམ་སྤེལ་བྱས་ཤིང་།   ཞོར་དུ་ཀུན་ལ་གསལ་ཆ་ཡོད་པའི་རིས་སྒྲུང་རྩོམ་པ་པོ་ཚེ་མདོ་སྐྱིད་ཀྱི༼བེའུ་རྒྱ་ཐོ༽ཞེས་པའི་རིས་སྒྲུང་དཔེ་ཚོགས་ཀྱང་ཀློག་པ་པོ་ཀུན་ཀྱི་སྤྱན་སྔར་དྲངས།  

WechatIMG953.jpgWechatIMG954.jpgWechatIMG955.jpg

  འགྲེལ་སྤེལ་ཚོགས་འདུའི་སྟེང་རྩོམ་པ་པོ་ལྕགས་བྱམས་སྒྲོལ་མ་དང་ཚེ་རིང་དོན་གྲུབ་གཉིས་ཀྱིས་རང་རང་གི་གསར་རྩོམ་ཐད་ཀྱི་ཉམས་མྱོང་གླེང་རྗེས།   དེར་འདུས་ཀྱི་ཀློག་པ་པོ་ལས་ཚེ་རིང་མགོན་པོ་དང་གདོན་མིག་སོགས་ཀྱིས་རིས་སྒྲུང་ལ་དཔྱད་བརྗོད་སྤེལ་ཏེ་ཧ་ཅང་འཁྲུག་ཆ་དོད་པོ་བྱུང་།
མཇུག་མཐར་སྔོན་འགྲོ་སློབ་གསོ་གཞུང་ལས་ཁང་གི་ཀྲུའུ་རིན་རྒན་ལྷ་མགོན་ལགས་ཀྱིས་རིས་སྒྲུང་ཐད་ཀྱི་ལྟ་བ་དང་བསམ་ཚུལ་བཏོན་པ་དང་། བཀྲ་ཤིས་ཁ་གཡང་ཁྲོད་ཡོངས་སུ་མཇུག་བསྒྲིལ་བ་རེད།

WechatIMG950.jpgWechatIMG949.jpgWechatIMG951.jpg


རྩོམ་སྒྲིག་པ། ནོར་བུ།
རྩོམ་སྐུར་ཡུལ། 1272364399@qq.com

མཉམ་འབྲེལ། ZWHYJ888