ཞི་ཅིན་ཕིང་གིས་ཡའོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་དང་གྲོས་མོལ་མཛད།5
发表时间:2024-08-20 16:13 ཞི་ཅིན་ཕིང་གིས་ཡའོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་དང་གྲོས་མོལ་མཛད། ཟླ8པའི་ཚེས19ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཡའོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་དང་གྲོས་མོལ་མཛད། ཟླ8པའི་ཚེས19ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཡའོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་དང་གྲོས་མོལ་མཛད། ཞི་ཅིན་ཕིང་གིས་སུའུ་ལིན་ཡའོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་ཐོན་བྱུང་བར་ཡང་བསྐྱར་རྟེན་འབྲེལ་ཞུས། ཞི་ཅིན་ཕིང་གིས་བསྟན་དོན། ཁྱེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིའི་འགན་བཞེས་རྗེས་ཐོག་མའི་འཚམས་འདྲི་བྱེད་ཡུལ་ཀྲུང་གོ་བདམས་པ་འདི་ལས་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་གནང་བཞིན་པ་མཚོན་ལ། ཀྲུང་གོ་དང་ཡའོ་ནན་གྱི་འབྲེལ་བའི་ཆུ་ཚད་མཐོན་པོ་དང་འཐབ་ཇུས་རང་བཞིན་ཡང་གང་ལེགས་སྒོས་མཚོན་ཡོད། ཐུན་མོང་གི་ཕུགས་བསམ་དང་དད་སེམས་ནི་ཀྲུང་གོ་དང་ཡའོ་ནན་ཏང་གཉིས་ཀྱིས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་པའི་གཞི་རྒྱུ་དམར་པོ་ཡིན་ལ། དེ“ཡའོ་ནན་དང་ཀྲུང་གོའི་བར་དུ་བརྩེ་བ་ཟབ་ཅིང་བློ་མཐུན་དང་སྤུན་ཟླ་ཡིན་པའི”སྲོལ་རྒྱུན་མཛའ་བརྩེའི་ཉིང་བཅུད་དུ་གྱུར་ཡོད། དེང་སྐབས་འཛམ་གླིང་སྟེང་གི་སྲིད་སྐྱོང་གུང་ཁྲན་ཏང་གཉིས་ཡིན་པའི་ཆ་ནས། ཀྲུང་གོ་དང་ཡའོ་ནན་ཏང་གཉིས་ཀྱིས་མཛའ་བརྩེའི་ཐོག་མའི་བསམ་འདུན་རྒྱུན་འཁྱོངས་དང་། སྲོལ་རྒྱུན་གྱི་གྲོགས་པོའི་འབྲེལ་བ་རྒྱུན་སྐྱོང་། ཐུན་མོང་གི་ལས་འགན་བློ་ལ་བརྟན་པོར་ངེས་པ། གུང་ཁྲན་ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་བཅས་བྱས་ཏེ། འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཡའོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུ་རྒྱུན་མཐུད་སྒོས་གཏིང་ཟབ་ཏུ་བཏང་ནས། འཛམ་གླིང་སྤྱི་ཚོགས་རིང་ལུགས་ཀྱི་ལས་དོན་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས། ངས་བློ་མཐུན་སུའུ་ལིན་བར་དུ་བྱ་བའི་འབྲེལ་བ་དང་སྒེར་གྱི་མཛའ་བརྩེ་བཟང་པོ་བཙུགས་ནས། ཀྲུང་གོ་དང་ཡའོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་གཏིང་ཟབ་དང་གཟབ་ནན་སྒོས་འཛུགས་སྐྲུན་བྱེད་པར་མཉམ་དུ་སྣེ་ཁྲིད་བྱེད་འདོད་ཡོད། ཞི་ཅིན་ཕིང་གིས་བསྟན་དོན། འཛམ་གླིང་གི་འགྱུར་ལྡོག་དང་དུས་རབས་ཀྱི་འགྱུར་ལྡོག ལོ་རྒྱུས་ཀྱི་འགྱུར་ལྡོག་བཅས་ཀྱི་མདུན་དུ་ཀྲུང་གོ་དང་ཡའོ་ནན་རྒྱལ་ཁབ་གཉིས་ཀྱིས་དཔལ་འབྱོར་མྱུར་མོར་གོང་དུ་སྤེལ་བ་དང་སྤྱི་ཚོགས་ཡུན་རིང་བརྟན་བརླིང་ཡོང་བར་བྱས་ནས། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་དང་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་གསོན་ཤུགས་མངོན་པར་བསྟན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡའོ་ནན་དེ་མཐའ་འཁོར་ཕྱི་འབྲེལ་གྱི་དམིགས་བསལ་ཁ་ཕྱོགས་སུ་བརྩིས་ནས། ཡའོ་ནན་གྱིས་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་དུ་བསྐྱོད་པ། གསར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན། རང་སོ་སོའི་རྒྱལ་ཁབ་དར་རྒྱས་གོང་འཕེལ་གཏོང་བའི་གནད་འགག་གི་དུས་སྐབས་སུ། ཀྲུང་གོ་དང་ཡའོ་ནན་གྱིས་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པའི་ཁ་ཕྱོགས་ཡང་དག་སྲུང་འཛིན་བྱས་ཏེ། ཆབ་སྲིད་ཐད་ཀྱི་ཡིད་ཆེས་སྔར་ལས་མཐོ་བ་དང་བདེ་འཇགས་མཉམ་ལས་སྔར་ལས་བརྟན་པ། དངོས་སྒྲུབ་མཉམ་ལས་སྔར་ལས་ཟབ་པ། དམངས་འདོད་ཀྱི་རྨང་གཞི་སྔར་ལས་བརྟན་པ། ཕྱོགས་མང་མཐུན་སྦྱོར་གཞོགས་འདེགས་སྔར་ལས་དམ་པ། འགལ་བ་འགོག་སེལ་སྔར་ལས་ལེགས་པ་བཅས“སྔར་ལས་དྲུག”གི་འཕེལ་རྒྱས་ཀྱི་རྣམ་པ་སྲ་བརྟན་དུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཡའོ་ནན་བར་དུ་འཐབ་ཇུས་ཀྱི་འབྲེལ་གཏུག་དང་མཐོ་རིམ་འགྲོ་འོང་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་དང་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱས་ནས། ཧུར་ཐག་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང“བར་ཁྱམས་གཉིས་དང་སྐོར་བ་གཅིག”གི་སྒྲོམ་གཞིའི་འབྲེལ་མཐུད་མཉམ་ལས་རྒྱ་ཆེར་གཏོང་རྒྱུར་གྲོས་བསྡུར་བྱས་ཏེ། ལྕགས་ལམ་དང་མྱུར་བགྲོད་གཞུང་ལམ། འགག་སྒོ་བཅས་ཀྱི་རྨང་གཞིའི་སྒྲིག་ཆསཀྱི“མཁྲེགས་པའི་འབྲེལ་མཐུད”ལ་མྱུར་དུ་སྐུལ་འདེད་གཏོང་བ་དང་། བློ་གྲོས་འགག་སྒོའི“མཉེན་པའི་འབྲེལ་མཐུད”མཐོར་གཏོང་བྱས་ཏེ། ལག་གདང་མཉམ་སྦྲེལ་གྱིས་བདེ་འཇགས་དང་བརྟན་བརླིང་གི་ཐོན་ལས་ཕྲེང་འབྲེལ་དང་མཁོ་སྤྲོད་ཕྲེང་འབྲེལ་བསྐྲུན་འདོད་ཡོད། སང་ལོར་ཀྲུང་གོ་དང་ཡའོ་ནན་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་བ་གོ་སྐབས་སུ་བྱས་ཏེ། “ཀྲུང་གོ་དང་ཡའོ་ནན་བར་མི་གཞུང་རིག་གནས་བརྗེ་རེས་ལོ”སོགས་བྱ་འགུལ་རབ་དང་རིམ་པ་མཉམ་དུ་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་དམངས་འདོད་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། ཕྱོགས་གཉིས་ཀྱིས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་སོགས་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་རྒྱུན་འཁྱོངས་བྱས་ཏེ། འདྲ་མཉམ་རིམ་ལྡན་གྱི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་འདྲ་མཉམ་དྲང་གཞག་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱས་ཏེ་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས། ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་བ་དང་། ཀྲུང་གོས་ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་སྤེལ་བ་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་རྒྱུ་དེས་ཡའོ་ནན་དང་བཅས་པའི་རྒྱལ་ཁབ་སོ་སོའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་དང་གོ་སྐབས་གསར་པ་བསྐྲུན་ངེས། ཀྲུང་གོ་ཕྱོགས་ཀྱིས་ཡའོ་ནན་བར་དུ་ཏང་སྐྱོང་དང་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་བརྗེ་རེས་གཏིང་ཟབ་བྱས་ནས། མཉམ་དུ་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ནས་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་འདོད་ཡོད་ཅེས་ནན་གྱིས་བསྟན། སུའུ་ལིན་གྱིས་བསྟན་དོན། ང་རང་ཡའོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཡིན་པའི་ཆ་ནས་ཐོག་མར་འཚམས་འདྲི་བྱེད་ཡུལ་ཀྲུང་གོ་བདམས་པ་འདི་ལས་ཡའོ་ནན་གྱི་ཏང་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་བྱེད་པའི་ལངས་ཕྱོགས་ལེགས་པར་མཚོན་ཡོད་པ་དང་། ཀྲུང་གོ་ནི་ཡའོ་ནན་གྱི་ཕྱི་ཕྱོགས་སྲིད་ཇུས་ཀྱི་འཐབ་ཇུས་གདམ་ག་དང་དམིགས་བསལ་གོ་གནས་ཨང་དང་པོར་བརྩི་བ་མཚོན་ཡོད། ཡའོ་ནན་གྱི་ཏང་དང་སྲིད་གཞུང་གིས་བློ་མཐུན་རོན་ཧྥུའུ་ཀྲུང་གི་ཕུགས་འདུན་རྒྱུན་འཛིན་དང་། གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས། སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་རྒྱུན་འཁྱོངས། རྒྱལ་ཁབ་གཉིས་ཀྱི་རྒན་རབས་པའི་འགོ་ཁྲིད་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གཉིས་ཀྱིས་མཉམ་དུ་གཏན་འབེབས་བྱས་པའི་བགྲོད་ལམ་བརྒྱུད་དེ་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་བྱེད་རྒྱུ་ཡིན་ལ། “སྔར་ལས་དྲུག་”གི་སྤྱིའི་དམིགས་འབེན་གཞིར་བཟུང་ནས། ཡའོ་ནན་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་བ་དང་། འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཡའོ་ནན་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག ཀྲུང་གོས་ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གཏན་འཁེལ་བྱས་པའི་བཅོས་སྒྱུར་གྱི་ལས་འགན་ཚང་མ་རྒྱལ་ཁའི་ངང་ཡོངས་འགྲུབ་བྱས་ཏེ། འཕེལ་རྒྱས་ཀྱི་གྲུབ་འབྲས་ཧ་ཅང་ཆེན་པོ་བླངས་ཡོད་པ་དང་། རྒྱལ་སྤྱིའི་གནས་བབ་དང་ཤུགས་རྐྱེན་ཉིན་རེ་བཞིན་ཆེ་རུ་ཕྱིན་ནས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས། མིའི་རིགས་ཡོངས་ཀྱི་ཡར་ཐོན་བཅས་ཀྱི་ཐད་དུ་བྱས་རྗེས་གལ་ཆེན་བཞག་ཡོད། ཡའོ་ནན་ཕྱོགས་ཀྱིས་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བདེ་བླག་ངང་འཚོགས་ཏེ། ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་སྤེལ་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་དུས་རབས་གསར་པའི་འགོ་བརྩམས་པར་རྟེན་འབྲེལ་ཞུས་པ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་ཀྲུང་གོས་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་རྒྱལ་ཁའི་ངང་མངོན་འགྱུར་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་ཐུབ་པར་ཡིད་ཆེས་ཡོད། ཡའོ་ནན་ཕྱོགས་ཀྱིས་རང་སྟོབས་རང་སྤེལ་རྒྱུན་འཁྱོངས་བྱེད་པ་དང་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་ཀྱིན་ཡོད། ཐའེ་ཝན་ནི་ཀྲུང་གོའི་མངའ་ཁོངས་བསྙོན་མེད་ཅིག་ཡིན་པའི་ངོས་འཛིན་བྱེད་ཀྱིན་ཡོད་ལ། “ཐའེ་ཝན་རང་བཙན”གྱི་ཁ་བྲལ་བྱ་སྤྱོད་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་དང་ཀྲུང་གོས་རྒྱལ་ཁབ་གཅིག་གྱུར་བྱེད་པར་བློ་བརྟན་འགྱུར་མེད་སྒོས་རྒྱབ་སྐྱོར་བྱེད་ངེས། ཞང་ཀང་དང་ཞིན་ཅང་། བོད་ལྗོངས་བཅས་ཚང་མ་ཀྲུང་གོའི་ནང་ཁུལ་གྱི་དོན་དག་ཡིན་པས། ཡའོ་ནན་གྱིས་སྟོབས་ཤུགས་གང་རུང་གིས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱིན་ཡོད། ཡའོ་ནན་ཕྱོགས་ཀྱིས་ཀྲུང་གོའི་བར་དུ་མཐོ་རིམ་འགྲོ་འོང་ཟབ་མོ་རྒྱུན་འཁྱོངས་བྱེད་པ་དང་། ཏང་སྐྱོང་དང་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་མཉམ་སྤྱོད་བྱེད་པ། འཐབ་ཇུས་ཐད་ཀྱི་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ། འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་པ། རྒྱལ་སྲུང་བདེ་འཇགས་དང་འབྱོར་ཚོང་དངུལ་གཏོང་། རྒྱལ་ཁོངས་བརྒལ་བའི་རྨང་གཞིའི་སྒྲིག་ཆས་སྦྲེལ་མཐུད་སོགས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད། སང་ལོའི“ཡའོ་ནན་དང་ཀྲུང་གོའི་མི་གཞུང་རིག་གནས་བརྗེ་རེས་ལོ”མཉམ་དུ་ཡག་པོར་གཉེར་ནས། ན་གཞོན་དང་ས་གནས་བར་གྱི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ཏེ་རྒྱལ་ཁབ་གཉིས་ཀྱི་སྤྱི་ཚོགས་ཀྱི་དམངས་འདོད་རྨང་གཞི་སྲ་བརྟན་དུ་གཏོང་དགོས། ཡའོ་ནན་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་མཚོ་ཐོག་གི་རྩོད་གཞི་འགོག་སེལ་འོས་འཚམ་བྱས་ནས། ས་ཁུལ་གྱི་ཞི་བདེ་བརྟན་བརླིང་ཐུན་མོང་གིས་སྲུང་སྐྱོང་བྱེད་འདོད་ཡོད། ཡའོ་ནན་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་དང་འཛམ་གླིང་འཕེལ་རྒྱས་ཀྱི་གྲོས་འགོ། འཛམ་གླིང་བདེ་འཇགས་ཀྱི་གྲོས་འགོ འཛམ་གླིང་དཔལ་ཡོན་གྱི་གྲོས་འགོ་བཅས་ལ་རྒྱབ་སྐྱོར་བྱེད་པ་དང་དེའི་ཁྲོད་ཧུར་ཐག་གིས་ཞུགས་འདོད་ཡོད། ཡའོ་ནན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་ཕྱོགས་མང་རྒྱལ་སྤྱིའི་མཉམ་ལས་དམ་ཟབ་དང་། ཕྱོགས་མང་རིང་ལུགས་སྲུང་སྐྱོང་། རྒྱལ་སྤྱིའི་འདྲ་མཉམ་དྲང་གཞག་ལ་སྲུང་སྐྱོབ་བཅས་བྱས་ནས། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཧུར་ཐག་གིས་བྱས་རྗེས་འཇོག་འདོད་ཡོད། ཟླ8པའི་ཚེས19ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཡའོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་དང་གྲོས་མོལ་མཛད།
གྲོས་མོལ་མཛད་རྗེས་ཕྱོགས་གཉིས་ཀྱིས་ཏང་གི་སློབ་གྲྭ་དང་ཕན་ཚུན་སྦྲེལ་མཐུད། བཟོ་ལས། དངུལ་རྩ། འགག་སྒོའི་ནད་ཡམས་ཞིབ་བཤེར། འཕྲོད་བསྟེན། གསར་འགྱུར་ལས་ཁུངས་དང་སྨྱན་སྦྱོར། ས་གནས། དམངས་འཚོ་སོགས་ཁྱབ་ཁོངས་ནས་ཕྱོགས་གཉིས་ཀྱིས་མཉམ་ལས་ཡིག་ཆ་མང་པོ་བཀོད་པར་མཉམ་དུ་བདེན་དཔང་གནང་། ཟླ8པའི་ཚེས19ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཡའོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་དང་གྲོས་མོལ་མཛད། འདི་ནི་ཞི་ཅིན་ཕིང་དང་སུའུ་ལིན་གཉིས་ཀྱིས་གཞི་ཁྱོན་ཆུང་བའི་ཇ་མོལ་གནང་བའི་ཚུལ་རེད།ཟླ8པའི་ཚེས19ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཡའོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་དང་གྲོས་མོལ་མཛད། འདི་ནི་ཞི་ཅིན་ཕིང་དང་སུའུ་ལིན་གཉིས་ཀྱིས་གཞི་ཁྱོན་ཆུང་བའི་ཇ་མོལ་གནང་བའི་ཚུལ་རེད། ཡིག་ཆའི་སྟེང་མིང་འགོད་པའི་མཛད་སྒོ་བསྡུས་རྗེས། ཞི་ཅིན་ཕིང་དང་སུའུ་ལིན་གཉིས་ཀྱིས་གཞི་ཁྱོན་ཆུང་བའི་ཇ་མོལ་གནང་བ་དང་། མཛའ་བརྩེའི་རྣམ་པའི་ཁྲོད་ཐུན་མོང་གིས་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་མུ་མཐུད་བརྗེ་རེས་གཏིང་ཟབ་གནང་།
ཟླ8པའི་ཚེས19ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཡའོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་དང་གྲོས་མོལ་མཛད། འདི་ནི་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་དང་སུའུ་ལིན་དང་ལྕམ་མོ་ཝུའུ་ཧྥེང་ལིས་བཅས་ཀྱི་མཉམ་པར་རེད། གྲོས་མོལ་གྱི་སྔོན་ལ་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་གཉིས་ཀྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་གྱི་ཐང་ཆེན་དུ་སུའུ་ལིན་དང་ལྕམ་མོ་ཝུའུ་ཧྥེང་ལིས་དང་མཉམ་པར་བསྐྱོན། ཟླ8པའི་ཚེས19ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཡའོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་དང་གྲོས་མོལ་མཛད། འདི་ནི་གྲོས་མོལ་གྱི་སྔོན་ལ་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་གྱི་ཐང་ཆེན་དུ་སུའུ་ལིན་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུ་བའི་ཚུལ་རེད། ཟླ8པའི་ཚེས19ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཡའོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་དང་གྲོས་མོལ་མཛད། འདི་ནི་གྲོས་མོལ་མ་མཛད་སྔོན་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་གྱི་ཐང་ཆེན་དུ་སུའུ་ལིན་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུ་བའི་ཚུལ་རེད། ཟླ8པའི་ཚེས19ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཡའོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་དང་གྲོས་མོལ་མཛད། འདི་ནི་གྲོས་མོལ་གྱི་སྔོན་ལ་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་གྱི་ཐང་ཆེན་དུ་སུའུ་ལིན་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུ་བའི་ཚུལ་རེད། ཟླ8པའི་ཚེས19ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཡའོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་དང་གྲོས་མོལ་མཛད། འདི་ནི་གྲོས་མོལ་མ་མཛད་སྔོན་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་གྱི་ཐང་ཆེན་དུ་སུའུ་ལིན་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུ་བའི་ཚུལ་རེད། སུའུ་ལིན་འབྱོར་སྐབས་གུས་ལུགས་དམག་གིས་གྲལ་བསྒྲིགས་ནས་གུས་འདུད་ཞུས། ཞི་ཅིན་ཕིང་དང་སུའུ་ལིན་གཉིས་གཟིགས་ཞིབ་སྟེགས་བུར་བསྐྱོད་པ་དང་། དམག་དཔུང་རམ་དཀྲོལ་ཚོགས་པས་ཀྲུང་གོ་དང་ཡའོ་ནན་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་ཞིང་། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རྟེན་འབྲེལ་མེ་སྒྱོགས་ཐེངས་ཉེར་གཅིག21ལ་གྲགས། སུའུ་ལིན་གྱིས་ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བར་མ་ཟད་དམག་དཔུང་གི་རུ་སྟར་ལ་གཟིགས། ཉིན་དེའི་ཉིན་གུང་ཞི་ཅིན་ཕིང་དང་ཕིན་ལིས་ཡོན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་ལྡན་ཚོམས་ཆེན་དུ་སུའུ་ལིན་བཟའ་ཟླ་གཉིས་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས། ཚའེ་ཆི་དང་ཝང་དབྱི། ཝང་ཞའོ་ཧུང་སོགས་གོང་གསལ་བྱེད་སྒོར་ཞུགས། སུའུ་ལིན་གྱིས་ཀྲུང་གོར་འཚམས་འདྲི་བྱེད་སྐབས། ཕྱོགས་གཉིས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཡའོ་ནན་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བར་སྔར་ལས་ཤུགས་སྣོན་པ་དང་། ཀྲུང་གོ་དང་ཡའོ་ནན་གྱི་ལས་སྐུལ་གཅིག་མཐུན་ཚོགས་པ་བསྐྲུན་པར་སྐུལ་འདེད་གཏོང་བའི་སྐོར་གྱི་་མཉམ་འབྲེལ་གསལ་བསྒྲགས》སྤེལ་རྒྱུ་རེད། ཤ་བོ་རིན་མཚོས་བསྒྱུར། ཡོངས་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ། |