ཞི་ཅིན་ཕིང་གིས་ཀན་སུའུ་རུ་རྟོག་ཞིབ་གནང་།3
发表时间:2024-09-14 21:37 ཞི་ཅིན་ཕིང་གིས་ཀན་སུའུ་རུ་རྟོག་ཞིབ་གནང་། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀན་སུའུ་རུ་རྟོག་ཞིབ་གནང་སྐབས། ཀན་སུའུ་ཡིས་ཏང་ཀྲུང་དབྱང་གི་ནུབ་རྒྱུད་གསར་སྤེལ་ཆེན་མོ་དང་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་ཟབ་མོ་བྱེད་རྒྱུ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་གནད་ལ་འཁེལ་བ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོར་ཤུགས་སྣོན་པ། ལྗང་མདོག་ཐཱན་ཉུང་ཚུལ་སྒྱུར་འཕེལ་རྒྱས་ཀྱི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ། བཅོས་སྒྱུར་སྒོ་འབྱེད་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་བ། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། དམངས་འཚོའི་འགན་ལེན་ལ་ཤུགས་སྣོན་པ། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ཤུགས་བསྣན་ནས། བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་ཀན་སུའུ་གསར་པ་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། དམངས་ཕྱུག་དར་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀན་སུའུ་ཡི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་དགོས་ཞེས་ནན་གྱིས་གསུངས། ཟླ9པའི་ཚེས10ཉིན་ནས་ཚེས13ཉིན་བར། ཞི་ཅིན་ཕིང་གིས་ཀན་སུའུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཧུའུ་ཁྲང་ཧྲིན་དང་ཧྲིན་ཀྲང་རིན་ཀྲིན་ཧི་ཡི་ཕེབས་རོགས་འོག་ཏུ། སྔ་རྗེས་སུ་ཐེན་ཧྲོས་དང་ལན་ཀྲོའུ་སོགས་སུ་རྟོག་ཞིབ་གནང་། ཟླ9པའི་ཚེས10ཉིན་ནས་ཚེས13ཉིན་བར་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀན་སུའུ་རུ་རྟོག་ཞིབ་གནང་། འདི་ནི་ཚེས10ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཐེན་ཧྲོས་གྲོང་ཁྱེར་གྱི་རྒྱལ་ཡོངས་གཙོ་གནད་རིག་དངོས་སྲུང་སྐྱོབ་ལས་ཁུངས་ཏེ་ཧྥུའུ་ཞི་ལྷ་ཁང་ལ་རྟོག་ཞིབ་གནང་བའི་ཚུལ་རེད། ཟླ9པའི་ཚེས10ཉིན་ནས་ཚེས13ཉིན་བར་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀན་སུའུ་རུ་རྟོག་ཞིབ་གནང་། འདི་ནི་ཚེས10ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཐེན་ཧྲོས་གྲོང་ཁྱེར་གྱི་རྒྱལ་ཡོངས་གཙོ་གནད་རིག་དངོས་སྲུང་སྐྱོབ་ལས་ཁུངས་ཏེ་ཧྥུའུ་ཞི་ལྷ་ཁང་ལ་རྟོག་ཞིབ་གནང་བའི་ཚུལ་རེད། ཟླ9པའི་ཚེས10ཉིན་ནས་ཚེས13ཉིན་བར་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀན་སུའུ་རུ་རྟོག་ཞིབ་གནང་། འདི་ནི་ཚེས10ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཐེན་ཧྲོས་གྲོང་ཁྱེར་གྱི་རྒྱལ་ཡོངས་གཙོ་གནད་རིག་དངོས་སྲུང་སྐྱོབ་ལས་ཁུངས་ཏེ་ཧྥུའུ་ཞི་ལྷ་ཁང་ལ་རྟོག་ཞིབ་གནང་བའི་ཚུལ་རེད། ཚེས10ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཐེན་ཧྲོས་གྲོང་ཁྱེར་དུ་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུབ་སྐྱོབ་ལས་ཁུངས་ཏེ་ཧྥུའུ་ཞི་ལྷ་ཁང་གསར་པར་རྟོག་ཞིབ་གནང་ནས། རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་མཛད། ཁོང་གིས་ཧྥུའུ་ཞི་ལྷ་ཁང་ལ་ལོ་རྒྱུས་དང་རིག་གནས་ཀྱི་རིན་ཐང་ཆེན་པོ་ལྡན་པའི་དབང་གིས། རིག་གནས་ཤུལ་བཞག་རྩ་ཆེན་དེར་སྲུང་སྐྱོབ་དང་རྒྱུན་འཛིན་ཡག་པོ་བྱས་ཏེ། མེས་པོའི་བློ་གྲོས་དང་གསར་གཏོད་ཀྱིས་མི་རབས་རྗེས་མར་སྐུལ་ལྕག་ཐེབས་ཐུབ་པར་བྱས་ནས། མི་རིགས་ཀྱི་སྤོབས་སེམས་དང་རང་རློམ་གྱི་བསམ་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་གསུངས། ཟླ9པའི་ཚེས10ཉིན་ནས་ཚེས13ཉིན་བར་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀན་སུའུ་རུ་རྟོག་ཞིབ་གནང་། འདི་ནི་ཚེས11ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་མའེ་ཅི་ཁུལ་ལྷོ་རིའི་ཀུ་ཤུ་རྟེན་གཞིར་རྟོག་ཞིབ་གནང་བཞིན་པའི་ཚུལ་རེད། ཚེས11ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་མའེ་ཅི་ཁུལ་ལྷོ་རིའི་ཀུ་ཤུ་རྟེན་གཞིར་རྟོག་ཞིབ་བྱེད་པར་ཕེབས། ཁོང་གིས་འགྲེམས་པང་དང་ཟུང་འབྲེལ་གྱིས་ཀླུ་ཆུ་འདྲེན་པའི་བཟོ་སྐྲུན་གནས་ཚུལ་གྱི་སྙན་ཞུར་གསན་རྗེས། 2013ལོའི་ལོ་འགོར་ཨར་ལས་བྱ་ཡུལ་དུ་རྟོག་ཞིབ་དང་ཨར་ལས་ཀྱི་དཀའ་གནད་ཐག་གཅོད་བྱེད་པར་མཛུབ་སྟོན་གནང་བར་ཕེབས་པའི་དེ་དུས་ཀྱི་གནས་ཚུལ་ལ་ཕྱིར་དྲན་གནང་། མང་ཚོགས་ས་ཡ་དྲུག་ཙམ་དུས་དེ་ནས་བཟུང་ཚྭ་ཆུ་འདྲེས་མའི་འཐུང་ཆུར་དངོས་སུ་གྱེས་བརྡ་བཏང་བ་རྟོགས་རྗེས་ཁོང་ཧ་ཅང་དགའ་ཚོར་ཆེན་པོ་སྐྱེས། ཁོང་གིས་སྲུང་སྐྱོབ་དང་དོ་དམ་ལ་ཤུགས་བསྣན་ནས། བཟོ་སྐྲུན་དེས་ལམ་རྒྱུད་ཀྱི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁྲོད་ཕན་ནུས་སྔར་ལས་ཆེན་པོ་འདོན་སྤེལ་ཐུབ་དགོས་པའི་ཐུགས་རེ་བཏོན། ཟླ9པའི་ཚེས10ཉིན་ནས་ཚེས13ཉིན་བར་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀན་སུའུ་རུ་རྟོག་ཞིབ་གནང་། འདི་ནི་ཚེས11ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་མའེ་ཅི་ཁུལ་ལྷོ་རིའི་ཀུ་ཤུ་རྟེན་གཞིར་རྟོག་ཞིབ་གནང་བཞིན་པའི་ཚུལ་རེད། ཟླ9པའི་ཚེས10ཉིན་ནས་ཚེས13ཉིན་བར་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀན་སུའུ་རུ་རྟོག་ཞིབ་གནང་། འདི་ནི་ཚེས11ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་མའེ་ཅི་ཁུལ་ལྷོ་རིའི་ཀུ་ཤུ་རྟེན་གཞིར་རྟོག་ཞིབ་གནང་བཞིན་པའི་ཚུལ་རེད། ཟླ9པའི་ཚེས10ཉིན་ནས་ཚེས13ཉིན་བར་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀན་སུའུ་རུ་རྟོག་ཞིབ་གནང་། འདི་ནི་ཚེས11ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་མའེ་ཅི་ཁུལ་ལྷོ་རིའི་ཀུ་ཤུ་རྟེན་གཞིར་རྟོག་ཞིབ་གནང་བཞིན་པའི་ཚུལ་རེད། ཟླ9པའི་ཚེས10ཉིན་ནས་ཚེས13ཉིན་བར་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀན་སུའུ་རུ་རྟོག་ཞིབ་གནང་། འདི་ནི་ཚེས11ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་མའེ་ཅི་ཁུལ་ལྷོ་རིའི་ཀུ་ཤུ་རྟེན་གཞིར་རྟོག་ཞིབ་གནང་སྐབས། ས་གནས་ཞིང་པ་མང་ཚོགས་དང་ཞིང་ལས་ལག་རྩལ་མི་སྣར་བྱམས་བརྩེའི་ངང་དགོངས་འཆར་བརྗེ་རེས་གནང་བའི་ཚུལ་རེད། དམར་མདངས་རྒྱས་པའི་ཀུ་ཤུ་ཡལ་གའི་སྟེང་ཐུར་དུ་དཔྱངས་ནས་འབྲས་བཟང་གིས་གཏམས་ཡོད། ཞི་ཅིན་ཕིང་ཤིང་འབྲས་ནགས་ཚལ་དུ་ཕེབས་ནས་འབྲེལ་ཡོད་འདེབས་འཛུགས་དང་ལག་རྩལ། དོ་དམ་བཅས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་། ཁོང་གིས་གྲོང་གསེབ་དར་སྤེལ་གྱི་འགག་རྩ་དེ་ཐོན་ལས་དར་རྒྱས་ལ་རག་ལས་ཡོད། ལོ་ངོ70ལྷག་གི་རིང་ལ་སྐྱེད་སྲིང་དང་འཕེལ་རྒྱས་བཏང་བ་བརྒྱུད། གཞི་ནས་ཀུ་ཤུའི་སྤུས་རྟགས་ཀྱི་སྐད་གྲགས་སྔར་ལས་ཆེ་རུ་རྒྱས་ཡོད། ས་བོན་སྲུང་སྐྱོབ་དང་གསོ་སྤེལ་ལ་ཤུགས་སྣོན་པ་དང་འདེབས་འཛུགས་བྱེད་སྟངས་ཇེ་ལེགས་སུ་གཏོང་བ། ཚོང་གཉེར་བྱེད་སྟངས་གསར་གཏོད་བཅས་བྱས་ཏེ། ཁྱད་ལྡན་ཐོན་ལས་སྔར་ལས་ཆེ་བ་གཉེར་ནས། མང་ཚོགས་སྔར་ལས་གང་མང་ལ་ཡོང་འབབ་འཕར་སྣོན་དང་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱེད་དགོས་ཞེས་གསུངས། ཁོང་གིས་ཡུལ་མི་ཚོའི་འཚོ་བར་ཀུ་ཤུ་ལྟ་བུའི་མདངས་རྒྱས་ཐུབ་པའི་སྨོན་འདུན་ཞུས། ཟླ9པའི་ཚེས10ཉིན་ནས་ཚེས13ཉིན་བར་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀན་སུའུ་རུ་རྟོག་ཞིབ་གནང་། འདི་ནི་ཚེས11ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཐེན་ཧྲོས་གྲོང་ཁྱེར་མའེ་ཅི་རི་བོའི་བྲག་ཕུག་ཏུ་རྟོག་ཞིབ་གནང་བཞིན་པའི་ཚུལ་རེད། ཟླ9པའི་ཚེས10ཉིན་ནས་ཚེས13ཉིན་བར་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀན་སུའུ་རུ་རྟོག་ཞིབ་གནང་། འདི་ནི་ཚེས11ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཐེན་ཧྲོས་གྲོང་ཁྱེར་མའེ་ཅི་རི་བོའི་བྲག་ཕུག་ཏུ་རྟོག་ཞིབ་གནང་བཞིན་པའི་ཚུལ་རེད། ཟླ9པའི་ཚེས10ཉིན་ནས་ཚེས13ཉིན་བར་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀན་སུའུ་རུ་རྟོག་ཞིབ་གནང་། འདི་ནི་ཚེས11ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཐེན་ཧྲོས་གྲོང་ཁྱེར་མའེ་ཅི་རི་བོའི་བྲག་ཕུག་ཏུ་རྟོག་ཞིབ་གནང་བཞིན་པའི་ཚུལ་རེད། ཟླ9པའི་ཚེས10ཉིན་ནས་ཚེས13ཉིན་བར་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀན་སུའུ་རུ་རྟོག་ཞིབ་གནང་། འདི་ནི་ཚེས11ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཐེན་ཧྲོས་གྲོང་ཁྱེར་མའེ་ཅི་རི་བོའི་བྲག་ཕུག་ཏུ་རྟོག་ཞིབ་གནང་སྐབས། དེར་འདུས་ཀྱི་ཡུལ་སྐོར་པ་དང་ལྷན་དུ་བྱམས་བརྗེའི་ངང་དགོངས་འཆར་བརྗེ་རེས་གནང་བའི་ཚུལ་རེད། ཟླ9པའི་ཚེས10ཉིན་ནས་ཚེས13ཉིན་བར་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀན་སུའུ་རུ་རྟོག་ཞིབ་གནང་། འདི་ནི་ཚེས11ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཐེན་ཧྲོས་གྲོང་ཁྱེར་མའེ་ཅི་རི་བོའི་བྲག་ཕུག་ཏུ་རྟོག་ཞིབ་གནང་སྐབས། དེར་འདུས་ཀྱི་ཡུལ་སྐོར་པ་རྣམས་ཀྱིས་ལག་པ་བཀྱགས་ཏེ་གུས་འདུད་ཞུ་བའི་རྣམ་པ་རེད། ཟླ9པའི་ཚེས10ཉིན་ནས་ཚེས13ཉིན་བར་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀན་སུའུ་རུ་རྟོག་ཞིབ་གནང་། འདི་ནི་ཚེས11ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཐེན་ཧྲོས་གྲོང་ཁྱེར་མའེ་ཅི་རི་བོའི་བྲག་ཕུག་ཏུ་རྟོག་ཞིབ་གནང་བཞིན་པའི་ཚུལ་རེད། དེའི་རྗེས་ཞི་ཅིན་ཕིང་མའེ་ཅི་རི་བོའི་བྲག་ཕུག་ཏུ་ཕེབས་ནས། གདུང་འདེགས་འཕྲང་ལམ་བརྒྱུད་དེ། ད་ལྟའི་བར་དུ་ལོ་ངོ1600ལྷག་འཁོར་བའི་བྲག་ཕུག་དང་འཇིམ་བརྐོས། ལྡེབས་རིས་བཅས་ལ་ཞིབ་གཟིགས་གནང་བར་མ་ཟད། སྲུང་སྐྱོབ་དང་ཉམས་གསོའི་ལས་བྱེད་མི་སྣ་དང་བྱམས་བརྩེའི་ངང་དགོངས་འཆར་བརྗེ་རེས་ཀྱང་གནང་། ཞི་ཅིན་ཕིང་གིས་རང་རྒྱལ་གྱི་བྲག་ཕུག་ཆེན་པོ་བཞི་ནི། ཀྲུང་ཧྭའི་ཤེས་རིག་གི་གཅེས་ནོར་ཡིན་པའི་དབང་གིས། བྲག་ཕུག་དེ་དག་ཚང་མར་ལོ་རྒྱུས་ཀྱི་རིན་ཐང་དང་རིག་གནས་ཀྱི་རིན་ཐང་ངེས་ཅན་ལྡན་ཞེས་གསུངས། ཁོང་གིས་རིག་དངོས་ལས་བྱེད་པས་མུ་མཐུད་རྒྱལ་ཁབ་ཀྱི་ཆེད་དུ་ནོར་བུ་སྲུང་ནས། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་གསར་གཏོད་དང་ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་ཆེད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་པའི་ཐུགས་རེ་བཏོན། ཟླ9པའི་ཚེས10ཉིན་ནས་ཚེས13ཉིན་བར་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀན་སུའུ་རུ་རྟོག་ཞིབ་གནང་། འདི་ནི་ཚེས11ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ལན་ཀྲོའུ་གྲོང་ཁྱེར་ཨན་ཉིང་ཁུལ་ཙའོ་ལིན་ཞི་སྡེ་ཁུལ་གྱི་ཏང་དམངས་ཞབས་ཞུ་ལྟེ་གནས་སུ་རྟོག་ཞིབ་གནང་བའི་ཚུལ་རེད། ཚེས11ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ལན་ཀྲོའུ་གྲོང་ཁྱེར་དུ་རྟོག་ཞིབ་གནང་། ཨན་ཉིང་ཁུལ་ཙའོ་ལིན་ཞི་སྡེ་ཁུལ་གྱི་ཏང་དམངས་ཞབས་ཞུའི་ལྟེ་གནས་སུ། ཁོང་གིས་ཕྱོགས་བསྡུས་ཞབས་ཞུའི་སྟེགས་བུ་དང་རིག་གནས་ལུས་རྩལ་བྱེད་སྒོ་ཁང་། སྡེ་ཁུལ་གྱི་ཟ་ཁང་བཅས་སུ་གཟིགས་ཞིབ་གནང་ནས། སྡེ་ཁུལ་ཏང་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་དང་དམངས་བདེ་དམངས་ཕན་ཞབས་ཞུ་ལེགས་སྒྱུར། གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བ་སོགས་ཀྱི་གནས་ཚུལ་ལ་བཀའ་འདྲི་ཞིབ་ཕྲ་གནང་བར་མ་ཟད། ལས་འཁྱུར་ངལ་གསོ་བྱས་མཁན་གྱི་མཉམ་གཞས་སྦྱོང་བརྡར་ལ་ཡུལ་དངོས་ནས་གཟིགས་ཞིབ་གནང་། ཁོང་ཉིད་ད་དུང་ཉེ་འགྲམ་གྱི་ལིའུ་ཅ་པའོ་མངགས་གཏོང་ཁང་དུ་ཕེབས་ནས་ཉེན་རྟོག་ལས་དོན་སྟོབས་ཤུགས་གཞི་རིམ་དུ་བསྐྱོད་པའི་བྱེད་སྟངས་དང་ཕན་འབྲས་ལ་རྒྱུས་ལོན་གནང་། ཞི་ཅིན་ཕིང་གིས་གྲོང་མིའི་དངོས་ཡོད་ཀྱི་དགོས་མཁོ་དང་ལྷག་པར་དུ“རྒན་པ་དང་བྱིས་པ”སོགས་གཙོ་གནད་ལ་དམ་པོར་དམིགས་ཏེ། སྡེ་ཁུལ་གྱི་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་དགོས། དུས་རབས་གསར་པའི“ཧྥིན་ཆའོ་ཡི་ཉམས་མྱོང་”རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་ནས། གཞི་རིམ་བཅོས་སྐྱོང་དང་སྤྱི་ཚོགས་བདེ་འཇགས་སྔར་ལས་བརྟན་པོ་ཡོང་བར་བྱེད་དགོས། ཕྱི་ཚུལ་རིང་ལུགས་མུ་མཐུད་དུ་བཅོས་སྐྱོང་བྱས་ནས། གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་བཏང་སྟེ། གཞི་རིམ་ལས་བྱེད་པར་དུས་ཚོད་དང་སེམས་ཤུགས་སྔར་ལས་མང་པོ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཐད་འདོན་དུ་འཇུག་དགོས་ཞེས་ནན་གྱིས་གསུངས། ལས་འཁྱུར་ངལ་གསོ་བྱས་པའི་ཏང་ཡོན་རྒན་པ་ལིས་ཙུང་པེའོ་ཚང་དུ། ཞི་ཅིན་ཕིང་གིས་བཟའ་མི་ཚང་མ་དང་མཉམ་དུ་རྒྱུན་ལྡན་གྱི་འཚོ་བའི་སྐོར་ནས་གསུང་གླེང་གནང་། ཁྱིམ་ཚང་གི་མི་རབས་གསུམ་གྱི་འཚོ་བ་བདེ་སྐྱིད་ལྡན་པ་མཐོང་སྐབས་ཁོང་དགའ་ཚོར་ཆེན་པོ་སྐྱེས། ཞི་ཅིན་ཕིང་གིས་དམངས་འཚོ་གཙོ་གནད་དུ་འཛིན་དགོས། ཏང་ཀྲུང་དབྱང་གིས་ལོ་ལོན་རྒན་པའི་བདེ་སྐྱིད་ཁམས་བཟང་ལ་ཧ་ཅང་དོ་ཁུར་ཆེན་པོ་བྱེད་ཀྱིན་ཡོད། ས་གནས་དང་འབྲེལ་ཡོད་སྡེ་ཁག་སོ་སོས་རྒན་གསོ་དང་སྨན་བཅོས། སྡེ་ཁུལ་བཅས་ཀྱི་ཞབས་ཞུ་སོགས་ཀྱི་ཐད་འབད་བརྩོན་ཆེན་པོ་བྱས་ཏེ། མུ་མཐུད་རྒྱུན་འཁྱོངས་བྱས་པ་ཡིན་ན། གཞི་ནས་སྔར་ལས་ཇེ་ལེགས་སུ་འགྲོ་ངེས་ཡིན་ཞེས་གསུངས། སྡེ་ཁུལ་གྱི་ཐང་ཆེན་དུ་གྲོང་མི་ཚོས་འཚང་ཁ་ཤིག་ཤིག་བྱེད་ཀྱིན་ཡོད། ཞི་ཅིན་ཕིང་གིས་ཚང་མར་གསུངས་རྒྱུར། ང་ཚོས་མི་རིང་བར་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ75འཁོར་བར་བསུ་མ་བྱ་རྒྱུ་རེད། ལོ་ངོ75རིང་ལ། རང་རྒྱལ་གྱི་འཕེལ་རྒྱས་ལ་རླབས་ཆེན་གྱི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ད་ལྟ། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་སྟོབས་ཤུགས་ཡོད་རྒུས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བཞིན་ཡོད་པས། ང་ཚོས་མཐུན་སྒྲིལ་སྔར་ལས་དམ་ཟབ་དང་འབད་བརྩོན་སྔར་ལས་ཆེན་པོ་བྱེད་དགོས་ལ། ཚང་མས་མཉམ་དུ་ཤུགས་བཏོན་ནས་སྔར་ལས་འོད་སྟོང་འབར་བའི་གྲུབ་འབྲས་བསྐྲུན་དགོས། ཁོང་གིས་དེར་འདུས་ཚང་མར་སྔོན་ལ་ཟླ་མཆོད་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་དང་། ཁྱིམ་ཚང་ཚང་མ་བདེ་འཇགས་དང་བདེ་ཐང་། སྤྲོ་སྣང་བཅས་ཡོང་བའི་སྨོན་འདུན་ཞུས། ཟླ9པའི་ཚེས10ཉིན་ནས་ཚེས13ཉིན་བར་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀན་སུའུ་རུ་རྟོག་ཞིབ་གནང་། འདི་ནི་ཚེས11ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ལན་ཀྲོའུ་གྲོང་ཁྱེར་གྱི་ཀྲུང་ཧྲན་ཟམ་པའི་ལམ་དུམ་དུ་རྟོག་ཞིབ་གནང་བའི་ཚུལ་རེད། དེའི་རྗེས་སུ་ཞི་ཅིན་ཕིང་གིས་ལན་ཀྲོའུ་ཡི་ཀྲུང་ཧྲན་ཟམ་པའི་ལམ་དུམ་དུ་རྟོག་ཞིབ་གནང་། ཁོང་གིས་ཆུ་འགྲམ་གྱི་རྐང་ཐང་ལམ་ལ་གཟིགས་ཞིབ་གནང་ནས། རྨ་ཆུའི་སྐྱེ་ཁམས་སྲུང་སྐྱོབ་གནས་ཚུལ་གྱི་ངོ་སྤྲོད་ལ་གསན། ཞི་ཅིན་ཕིང་གིས་དེ་གར་ཡོད་པའི་ལས་བྱེད་པ་དང་མང་ཚོགས་ཚོར་རྨ་ཆུ་ནི་ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་གཙང་པོ་ཡིན་པ་དང་། ལན་ཀྲོའུ་ནི་རྨ་ཆུ་གྲོང་དཀྱིལ་བརྒྱུད་དེ་བཞུར་གྱིན་པའི་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་གཅིག་པུ་ཡིན། ཚང་མས་བཀའ་དྲིན་དྲན་པ་དང་མི་ཚང་མ་ཟབ་ཞུགས་བྱེད་པ། འགན་འཁྲི་གཙང་སྒྲུབ་བཅས་བྱས་ཏེ། མཉམ་དུ་རྨ་ཆུར་སྲུང་སྐྱོབ་ཡག་པོ་བྱས་ཏེ། མ་ཡུམ་གཙང་པོས་དུས་གཏན་དུ་བུ་རབས་ཚ་རྒྱུད་ལ་་ཕན་ཐོགས་པར་བྱེད་དགོས་ཞེས་གསུངས། ཚེས13ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཀན་སུའུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུར་གསན་རྗེས། ཀན་སུའུ་ཡི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་། ཞི་ཅིན་ཕིང་གིས་ཀན་སུའུ་ཡིས་བཟོ་ལས་ཅན་གསར་པར་སྐུལ་འདེད་གང་ལེགས་གཏོང་བ་དང་། སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་རིམ་སྤོར་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ། ཁྱད་སྟོབས་ཐོན་ལས་སྟོབས་ལྡན་དང་ཇེ་ལེགས་སུ་གཏོང་བ། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་གང་ལེགས་གཏོང་བ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་བཅས་བྱས་ནས། རྒྱལ་ཡོངས་ཀྱི་ནུས་ཁུངས་གསར་པ་དང་ནུས་ཁུངས་གསར་པའི་སྒྲིག་ཆས་བཟོ་སྐྲུན་རྟེན་གཞི་གལ་ཆེན་བསྐྲུན་དགོས། དེང་རབས་གྲང་ཐན་ཞིང་ལས་འཕེལ་རྒྱས་གང་ལེགས་གཏོང་བ་དང་། འགྲན་རྩོད་ཀྱི་ནུས་པ་ལྡན་པའི་ཞིང་ལས་ཚོང་རྟགས་གྲགས་ཅན་ཁག་ཅིག་གསོ་སྐྱོང་བྱེད་དགོས། རི་ཆུ་ནགས་གསུམ་དང་ཞིང་ས། མཚེའུ། རྩྭ་ཐང་བཅས་གཞི་གཅིག་ཅན་ལ་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་བྱེད་པར་གཅིག་གྱུར་འཆར་འགོད་བྱས་ནས་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་ཀྱི་ནུབ་རྒྱུད་སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་བརྟན་པོ་བསྐྲུན་དགོས་ཞེས་གསུངས། ཞི་ཅིན་ཕིང་གིས་བློ་སྟོབས་དང་ཆོད་སེམས་སྔར་ལས་ཆེ་བར་བརྟེན་ནས་བཅོས་སྒྱུར་ཟབ་སྤེལ་དང་སྒོ་འབྱེད་རྒྱ་སྐྱེད་གཏོང་དགོས། རྒྱལ་ཡོངས་ཀྱི་གཅིག་གྱུར་ཚོང་ར་ཆེན་མོ་འཛུགས་སྐྲུན་བྱེད་པའི་ནང་འབད་པས་ཞུགས་པ་དང་། རྒྱལ་དབང་མ་རྩ་དང་རྒྱལ་དབང་ཁེ་ལས་བཅོས་སྒྱུར་ཟབ་སྤེལ་བྱེད་པ། མི་གཙོ་བོར་འཛིན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་འཐབ་ཇུས་ལག་བསྟར་ལེགས་པོ་བྱེད་པ། རྫོང་གྲོང་གི་ཕྱོགས་བསྡུས་ཐེག་ནུས་ཆེ་རུ་གཏོང་བ། རྫོང་ཁོངས་དཔལ་འབྱོར་རྒྱ་སྐྱེད་དུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལ་རང་འགུལ་ངང་ཞབས་ཞུ་དང་སྦྲེལ་མཐུད་བྱེད་རྒྱུ་དང་། ཞིང་ཆེན་ལས་བརྒལ་བའི་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ། སྤུས་ཚད་མཐོ་བའི་སྒོ་ནས་མཉམ་དུ་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་དང་ནུབ་རྒྱུད་ཀྱི་སྐམ་མཚོའི་བགྲོད་ལམ་གསར་པ་འཛུགས་སྐྲུན་བྱེད་པར་མཉམ་འདྲེས་གཏིང་ཟབ་ཡོང་བར་བྱེད་དགོས་ཞེས་ནན་གྱིས་གསུངས། ཞི་ཅིན་ཕིང་གིས་ཀན་སུའུ་རུ་ལོ་རྒྱུས་རིག་གནས་ཀྱི་རྨང་གཞི་མཐུག་པ་དང་གསར་བརྗེའི་རིག་གནས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། དམར་པོའི་གཞི་རྒྱུ་རྒྱུན་འཛིན་ཡག་པོ་བྱེད་པ་དང་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལ་ཤུགས་སྣོན་པ། ཏུན་ཧོང་ཞིབ་འཇུག་གླིང་གིས་འཛམ་གླིང་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་བྱེད་པའི་མ་དཔེ་དང་ཏུན་ཧོང་རིག་པའི་ཞིབ་འཇུག་བྱེད་ས་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བཅས་བྱས་ནས། ལྕགས་རི་རིང་པོ་དང་རྒྱང་སྐྱོད། རྨ་ཆུ་བཅས་ཀྱི་རྒྱལ་ཁབ་ཀྱི་རིག་གནས་སྤྱི་གླིང་འཛུགས་སྐྲུན་ཡག་པོ་བྱས་ཏེ། དེང་རབས་ཅན་འཛུགས་སྐྲུན་བྱེད་པར་བསམ་པའི་སྟོབས་ཤུགས་ཆེན་པོ་སྣོན་དགོས། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཟབ་མོ་ཡོང་བར་བྱས་ནས། རིག་གནས་ཡུལ་སྐོར་ལས་རིགས་དེ་རྐང་འཛིན་ཐོན་ལས་སུ་འགྱུར་བར་བྱེད་དགོས་ཞེས་གསུངས། ཞི་ཅིན་ཕིང་གིས་སྤྱི་ཚོགས་འཛུགས་སྐྲུན་དང་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མི་རིགས་སོ་སོའི་མང་ཚོགས་མཉམ་དུ་ཕྱུག་པོར་འགྱུར་བའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། སྟོབས་ཤུགས་གཅིག་བསྡུས་ཀྱིས་མང་ཚོགས་ཀྱི་ཡོངས་ཁྱབ་དགོས་མཁོ་དང་སྒྲུབ་ཐུབ་པའི་དམངས་འཚོའི་ལས་དོན་དངོས་སུ་ལེགས་པར་སྒྲུབ་སྟེ། མང་ཚོགས་ཡོངས་ཀྱིས་མྱོང་ཚོར་བྱེད་ཐུབ་པར་བྱེད་དགོས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། གྲོང་གསེབ་ཀྱི་མི་འབོར་གཞི་ཁྱོན་ཆེ་བའི་སྒོ་ནས་ཡང་བསྐྱར་དབུལ་ཕོངས་སུ་འགྱུར་བར་སྔོན་འགོག་བྱེད་དགོས། གྲོང་གསེབ་ཀྱི་གོམས་སྲོལ་བསྒྱུར་བར་སྐུལ་འདེད་དང་ཡ་རབས་ཚུལ་ལྡན་གྱི་ཡུལ་སྲོལ་གསོ་སྐྱོང་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏོང་བ་དང་། ཆོས་ལུགས་ལས་དོན་ཁྲིམས་ལྟར་བཅོས་སྐྱོང་བྱ་རྒྱུར་ཤུགས་སྣོན་དགོས། ཅི་ཧྲི་ཧྲན་ས་ཡོམ་གྱི་གནོད་སྐྱོན་བྱུང་ཁུལ་སོགས་གནོད་འཚེ་ཐེབས་པའི་མང་ཚོགས་ཀྱི་འཚོ་བར་འགན་སྲུང་དང་གནོད་འཚེ་བྱུང་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་བྱ་བ་ལེགས་པར་སྒྲུབ་ནས། མང་ཚོགས་ཀྱིས་བདེ་འཇགས་དང་དྲོ་སྐྱིད་ལྡན་པའི་ངང་ནས་དགུན་སྐྱེལ་ཐུབ་པར་འགན་ལེན་ནན་མོ་བྱེད་དགོས་པར་མ་ཟད། ཉེན་མེད་ཐོན་སྐྱེད་བྱ་བ་དམ་འཛིན་ནན་མོ་བྱེད་དགོས་ཞེས་ནན་གྱིས་གསུངས། ཞི་ཅིན་ཕིང་གིས་ལྷོད་གཡེང་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་དགོས། རིམ་པ་སོ་སོའི་ལས་བྱེད་པའི་བཅོས་སྒྱུར་གསར་གཏོད་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། ཏང་ཡོན་དང་ལས་བྱེད་པས་རང་རྟོགས་ངང་སྒྲིག་བརྩི་ཁྲིམས་སྲུང་དང་གཞུང་དྲང་སྤྱོད་གཙང་གི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ་འགན་འཁྲི་ཧུར་ཐག་གིས་འཁུར་བ་དང་སྤོབས་པ་ཆེན་པོས་བྱ་བ་སྒྲུབ་པ། སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་སྐྱེ་ཁམས་བཟང་པོ་སྲ་བརྟན་དུ་གཏོང་བ་བཅས་ལ་ཁྲིད་སྟོན་བྱེད་དགོས། གཞི་རིམ་གྱི་ཏང་འཛུགས་ལས་དོན་ལ་དངོས་སུ་ཤུགས་སྣོན་དགོས་ཞེས་གསུངས། ཚེས10ཉིན་གྱི་ཕྱི་དྲོར་ཀན་སུའུ་རུ་ཕེབས་པའི་ལམ་བར་དུ། ཞི་ཅིན་ཕིང་གིས་ཧྲའན་ཞི་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཀྲའོ་དབྱི་ཏི་དང་ཧྲིན་ཀྲང་ཀྲའོ་ཀང་གཉིས་དང་ལྷན་དུ། པའོ་ཅི་གྲོང་ཁྱེར་དུ་རྟོག་ཞིབ་གནང་། ཞི་ཅིན་ཕིང་གིས་པའོ་ཅི་གྲོང་ཁྱེར་གྱི་ལི་ཆས་དངོས་མང་བཤམ་སྟོན་ཁང་ལ་གཟིགས་སྐོར་གནང་། ཁོང་གིས་རང་རྒྱལ་གྱི་ལི་ཆས་ཀྱི་ཤེས་རིག་ནི་ལོ་རྒྱུས་ཡུན་རིང་ལྡན་ལ་འོད་སྟོང་རབ་ཏུ་འབར་བ་ཞིག་ཡིན་པས། འཛམ་གླིང་ཤེས་རིག་ལོ་རྒྱུས་སྟེང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན། ལི་ཆས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་དང་དྲིལ་སྒྲོག་འཆད་འགྲེལ་ལ་ཤུགས་བསྣན་ཏེ། སྤྱི་ཚོགས་ཡོངས་དང་ལྷག་པར་དུ་ལོ་ཆུང་གཞོན་ནུས་རླབས་ཆེན་མེས་རྒྱལ་དང་ཀྲུང་ཧྭའི་ཤེས་རིག་ལ་བཅངས་པའི་དགའ་ཞེན་སྔར་ལས་ལེགས་པའི་ངང་འཕེལ་ཐུབ་པར་བྱེད་དགོས་ཞེས་གསུངས། ཞི་ཅིན་ཕིང་གིས་ད་དུང་ཝེ་ཧི་སྐྱེ་ཁམས་སྤྱི་གླིང་ལ་གཟིགས་ཞིབ་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཚའེ་ཆི་ཡིས་རྟོག་ཞིབ་གནང་རོགས་མཛད། ཧི་ལིས་ཧྥུན་དང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གྱིས་རྟོག་ཞིབ་གནང་རོགས་བྱས། ཟླ9པའི་ཚེས10ཉིན་ནས་ཚེས13ཉིན་བར་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀན་སུའུ་རུ་རྟོག་ཞིབ་གནང་། འདི་ནི་ཚེས12ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཀྲོའུ་རུ་ལན་ཀྲོའུ་རུ་སྡོད་པའི་དམག་དཔུང་གི་ཧྲང་ཞའོ་དམག་དཔོན་ཡན་གྱི་འགོ་ཁྲིད་ལས་བྱེད་པ་དང་། གཞི་རིམ་སྔོན་ཐོན་དཔེ་བཟང་། ཞི་བའི་ལས་འགན་འཁུར་མཁན་བཅས་ཀྱི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བའི་ཚུལ་རེད། ཟླ9པའི་ཚེས12ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ལན་ཀྲོའུ་རུ་ལན་ཀྲོའུ་རུ་སྡོད་པའི་དམག་དཔུང་གི་ཧྲང་ཞའོ་དམག་དཔོན་ཡན་གྱི་འགོ་ཁྲིད་ལས་བྱེད་པ་དང་། གཞི་རིམ་སྔོན་ཐོན་དཔེ་བཟང་། ཞི་བའི་ལས་འགན་འཁུར་མཁན་བཅས་ཀྱི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་། ཁོང་གིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ། ལན་ཀྲོའུ་རུ་སྡོད་པའི་དམག་དཔུང་གི་དཔོན་དམག་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་ཞུས་པར་མ་ཟད། ཚང་མ་དང་ལྷན་དུ་དྲན་རྟེན་སྐུ་པར་བསྐྱོན། ཧི་ཝེ་ཏུང་གིས་མཇལ་འཕྲད་གནང་རོགས་བྱས། ཡོངས་ཁུངས། མཚོ་སྔོན་བོད་སྐད་དྲ་བ། |